当前位置: 首页 / 新闻中心 / 通知公告

ནག་ཚོགས་དང་འབྲེལ་བ་ཡོད་པའི་ཐེར་འདོན་ཀྱི་ཁུངས་སྣེ་ཡོངས་བསྒྲགས་སུ་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་གསལ་བརྡ།

政治部

浏览量:

打印

རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཏིང་ཟབ་སྤེལ་བའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། དེ་བཞིན་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བཅས་བྱ་ཆེད། ད་ལྟ་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཕྱོགས་ནས་“གྲོང་ཚོའི་གཤེད་མ་”དང་།“ཤང་གི་གཤེད་མ།”“གཏེར་ཁའི་གཤེད་མ།”“ཁྲོམ་གཞུང་གཤེད་མ།”སོགས་མངོན་གསལ་དོད་པའི་ནག་ཉེས་ཅན་གྱི་ཁུངས་སྣེ་ཡོངས་བསྒྲགས་སུ་བསྡུ་རུབ་བྱ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག ཐེར་འདོན་གོང་ཞུ་བྱེད་པའི་ཁྱབ་ཁོངས།

1.ཁྱིམ་རྒྱུད་དང་ཆོས་ལུགས་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་དང་། གྲོང་གསེབ་ཀྱི་ཐོན་ཁུངས་སྒེར་སྡེམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱེད་པ་བཅས་ལ་ཁ་ལོ་བསྒྱུར་ནས་མང་ཚོགས་ལ་བརྙས་བཅོས་གཉའ་གནོན་དང་གནོད་འཚེ་གཏོང་མཁན་གྱི་“གྲོང་ཚོའི་གཤེད་མ་”དང་“ཤང་གི་གཤེད་མ།”

2.བཟོ་སྐྲུན་ཨར་ལས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། གཏེར་ཁའི་ཐོན་ཁུངས་སོགས་ཀྱི་ལས་རིགས་ཁྱབ་ཁོངས་སུ་ལས་གྲྭ་བཙན་ཤེད་ཀྱིས་གཉེར་བ་དང་། ཚད་བཀག་དང་ཤོང་ཚད་ལས་བརྒལ་བ། ངན་སེམས་ཀྱིས་འོས་འགུག་བྱེད་པ། ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་བ། གང་བྱུང་དུ་སྔོག་འཐུ་བྱས་པའི་“བྱེ་ཡུལ་གྱི་གཤེད་མ་”དང་“གཏེར་ཡུལ་གྱི་གཤེད་མ་”སོགས་ནག་ཚོགས་སྟོབས་ཤུགས།

3.ཚོང་དོན་ཁྲོམ་ར་དང་།སྡེབ་ཚོང་ཁྲོམ་ར། མེ་འཁོར་བབས་ཚུགས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་ཁྲོམ་ར་ཧམ་འཛིན་དང་། བཙན་ཉོ་བཙན་འཚོང་། སྲུང་སྐྱོང་གྲོན་དངུལ་བསྡུ་བ་བཅས་ཀྱི“ཁྲོམ་གཞུང་གཤེད་མ་”དང་“གྲོང་ཁྱེར་གཤེད་མ་”སོགས་ནག་ཚོགས་སྟོབས་ཤུགས་ཚུད་ཡོད།

4.ས་ཆ་བསྡུ་བ་དང་། བོགས་ཞིང་། བཤིག་སྤོ། ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ནང་ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གྱི་ཁེ་ཕན་ལེན་པའམ་ཡང་ན་ཟིང་ཆ་སློང་བར་ངན་སྐུལ་བྱེད་པའི་ནག་ཚོགས་སྟོབས་ཤུགས།

5.སྦག་ཁང་འཛུགས་པ་དང་། སྨད་འཚོང་སྒྲིག་འཛུགས་བྱེད་པ། དུག་རྫས་ལྐོག་འཚོང་བྱེད་པ་སོགས་འཆལ་རྒྱུག་དང་རྒྱན་འཛུགས། དུག་རྫས་ལྐོག་འཚོང་བྱེད་མཁན་མཉམ་གནས་ཀྱི་ནག་ཚོགས་སྟོབས་ཤུགས་དང་། དེ་བཞིན་ནར་མ་སོན་པའི་མི་ཚོད་འཛིན་བྱས་ནས་

ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་དུ་འཇུག་མཁན་གྱི་ནག་ཚོགས་སྟོབས་ཤུགས།

6.དྲག་ཤུགས་ལ་བརྟེན་ནས་བསྡུ་སྐུལ་དང་། དྲག་ཤུགས་ལ་བརྟེན་ནས་བུ་ལོན་འདེད་པ། དམངས་ཁྲོད་ཀྱི་རྩོད་གཞི་ལ་ཐེ་ཇུས་བཅས་བྱས་ཏེ་“ས་འོག་ཁྲིམས་བསྟར་རུ་ཁག་”དོན་མཁན་གྱི་ནག་ཚོགས་སྟོབས་ཤུགས།

7.ཆ་འཕྲིན་དྲ་བ་བེད་སྤྱོད་བྱས་ནས་བརྙན་ལམ་བརྒྱུད་ཁྲེལ་མེད་ཀྱི་གླེང་མོལ་བྱེད་པ།

གསར་འགྱུར་གྱིས་བསྙད་འདོགས་བྱེད་པ། “གཡོ་ཐབས་ཀྱིས་དངུལ་བུན་གཏོང་བ།” དྲག་ཤུགས་ལ་བརྟེན་ནས་བསྡུ་སྐུལ་བྱེད་པ་སོགས་དྲ་སྦྲེལ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གསར་པ།

8.རིམ་པ་ཁག་དང་རིགས་ཁག་གི་གཞུང་ལས་པས་ནག་ཚོགས་སྟོབས་ཤུགས་ཀྱི་“སྲུང་གདུགས་”བྱེད་པ་སོགས་ཀྱི་གནད་དོན།

གཉིས། ཐེར་འདོན་གོང་ཞུ་བྱེད་པར་ངེད་པར་དུ་ཤེས་དགོས་པ།

མིང་ངོ་མ་བཀོད་ནས་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བཏང་སྟེ་ཞིབ་བཤེར་ཚན་པས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་དང་དེ་བཞིན་ཐེར་འདོན་གྱི་ནང་དོན་གསང་བ་ནན་པོ་བྱེད་ཀྱི་ཡོད། ཐེར་འདོན་གོང་ཞུ་བྱས་པའི་ནང་དོན་ཞིབ་ཕྲ་དང་། དོན་དངོས། ཡང་དག་པ་བཅས་ཡིན་དགོས་པ་དང་། ཐེར་འདོན་བྱ་ཡུལ་དང་། ཁྲིམས་འགལ་ཉེས་གསོག་དུས་ཚོད། ས་གནས། ཞིབ་ཕྲའི་དོན་དངོས། བརྒྱུད་རིམ། དཔང་རྟགས་སོགས་ཁ་གསལ་ཡོད་དགོས། 

ཐེར་འདོན་བྱེད་མཁན་གྱིས་ཞུགཏུག་དང་། ཐེར་འདོན། ཁུངས་སྣེ་འདོན་སྤྲོད་བཅས་བྱེད་པའི་དྲང་བདེན་ཡིན་མིན་ལ་འགན་འཁུར་རྒྱུ། ལས་དོན་དངོས་རྫུན་བཟོ་དང་ཡང་ན་འུད་སྒྲོག་བྱས་མི་ཆོག་པ་དང་། རྐང་བཙུགས་ནས་དོན་དངོས་རྫུན་བཟོ་བྱས་ཏེ་ཐེར་འདོན་བྱ་རྒྱུའི་མིང་ཁྱེར་ནས་མི་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་མི་ཆོག་པ། ཁྲིམས་དང་འགལ་མཁན་ལ་བཅའ་ཁྲིམས་ལྟར་དེའི་ཁྲིམས་ལུགས་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

སུམ། ཐེར་འདོན་བྱེད་མཁན་ལ་སྲུང་སྐྱོང་བྱེད་ཐབས།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དུས་ཐོག་ཏུ་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། ཐེར་འདོན་བྱེད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་གསང་བ་ནན་པོ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་རེད། ཆ་འཕྲིན་ཕྱིར་གྱར་བའམ་ཐེར་འདོན་གོང་ཞུ་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱེད་མཁན་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ། ཁུངས་སྣེ་གལ་ཆེན་མཁོ་འདོན་དང་གྱོད་དོན་རྩད་གཅོད་བྱེད་པར་རོགས་རམ་བྱེད་པའི་ལས་ཁུངས་སམ་མི་སྒེར་ལ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ་རེད།

བཞི། ཐེར་འདོན་བྱེད་པའི་ཐབས་ལམ།

ཁ་པར་ཐོག་ནས་ཐེར་འདོན་བྱེད་ཐབས། 0891—624885—624887

འཕྲིན་ཡིག་བསྐུར་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་ནུབ་ལམ་སྒོ་རྟགས་ཨང་15(ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་།)

ཡིག་བསྐུར་སྦྲག་སྒམ། lsgash.126.com

ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་ནུབ་ལམ་སྒོ་རྟགས་ཨང་15(ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་།)

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།

2025ལོའི་ཟླ་5ཚེས་1ཉིན།

01111111.jpg

微信公众号