10万!拉萨公安破获一起职务侵占案!ཧམ་པ་ཆེ་ན་ཡོང་རྒྱུ་འདི་རེད།
政治部
浏览量:次
据悉,西藏某装饰工程有限公司在核对账目时,发现部分账目存在异常,随后公司负责人通过仔细核查,发现公司内部有人利用职务之便侵占公司财物。为维护公司合法权益,该公司负责人立即向警方报警。
拉萨市公安局经侦支队三大队接到报案后,立即受理此案,并展开全面调查。经过深入侦查,办案民警发现嫌疑人于某在该公司工作期间,利用职务之便,多次以采购设备、服装、报销等为由,侵占公司公款。
为尽快侦破此案,办案民警通过大量摸排走访,最终掌握了于某的行动轨迹,并依法将于某传唤到案。在审讯过程中,于某对自己在该公司期间利用职务之便侵占公司公款105586.1元的犯罪事实供认不讳。
目前,犯罪嫌疑人于某已被拉萨市公安机关依法刑事拘留,案件正在进一步审理中。
此次成功破获职务侵占案,充分展示了拉萨警方在打击经济犯罪方面的能力和决心。拉萨公安将继续保持高压态势,严厉打击各类经济犯罪行为,切实维护人民群众的合法权益和社会经济秩序的稳定。
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་མྱུལ་ཞིབ་ཞིབ་ཚགས་དང་བསྟུད་མར་དམག་འཐབ་བྱས་པ་བརྒྱུད། གོ་གནས་ཧམ་བཟུང་གི་གྱོད་གཞི་ཞིག་རྩད་ཆོད་ཐུབ་ཡོད་པ་དང་ཉེས་གསོག་དོགས་ཡོད་ཉེས་ཅན་པ་1ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།
གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་། ཉེ་ཆར། བོད་ཀྱི་མཛེས་རྒྱན་བཟོ་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་རྩིས་ཐོ་ཞིབ་བསྡུར་བྱེད་སྐབས་རྩིས་ཐོ་ཁག་གཅིག་རྒྱུན་གཏན་དང་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱུང་བ་དང་དེ་རྗེས་ཀུང་སི་དེའི་འགན་འཁུར་བས་ཞིབ་བཤེར་ཞིབ་ཕྲ་བྱས་པ་བརྒྱུད་ཀུང་སིའི་ནང་གི་ལས་མིས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་རྒྱུ་ནོར་ཧམ་བཟུང་བྱས་པ་ཤེས་རྟོགས་བྱུང་རྗེས་ཉེན་རྟོག་ཕྱོགས་ལ་ཉེས་དོན་སྙན་སེང་ཞུས་ཡོད།
2024ལོའི་ཟླ་7པར་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པས་གྱོད་གཞི་དེ་བདག་སྤྲོད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་མི་སྣ་ཡུས་ཆེ་གེ་མོས་ཀུང་སི་དེར་ལས་ཀ་བྱེད་རིང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ། 2022ལོའི་ཟླ་6པ་ནས་2023ལོའི་ཟླ་8པའི་བར་སྒྲིག་ཆས་དང་གྱོན་ཆས། འགྲོ་སོང་རྩིས་ཞུ་སོགས་བྱས་པར་བརྟེན་ནས་སྔ་རྗེས་སུ་ཀུང་སིས་གཞུང་སྒོར་ཐེངས་5སྤྲད་པ་སྟེ་ཁྱོན་སྒོར105586.1བདག་བཟུང་བྱས་ཡོད་པ་རེད།
གྱོད་གཞི་དེ་མགྱོགས་མྱུར་མྱུལ་ཞིབ་ཐུབ་པ་བྱ་ཆེད་གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་གྲལ་བཤེར་དང་འདྲི་རྩད་ཐེངས་མང་བྱས་པ་བརྒྱུད། ཡུས་ཆེ་གེ་མོའི་གནས་ཚུལ་ཤེས་རྟོགས་བྱུང་བ་མ་ཟད་ཉེ་ཆར་ཁྲིམས་ལྟར་ཁོ་པ་འབོད་འགུག་བྱས་ཡོད། འདྲི་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་ཡུས་ཆེ་གེ་མོས་རང་ཉིད་ཀུང་སི་དེའི་ནང་ལས་ཀ་བྱེད་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་ནས་ཀུང་སིའི་གཞུང་དངུལ་སྒོར་105586.1བདག་བཟུང་བྱས་པའི་ནག་ཉེས་ཚང་མ་སྦ་གསང་མེད་པར་ངོས་ལེན་བྱས་ཡོད།
མིག་སྔར། ཉེས་གསོག་དོགས་ཡོད་ཉེས་ཅན་པ་ཡུས་ཆེ་གེ་མོ་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།